འབྲི་རྩོམ། ལོ་རྒྱུུས་དང་འབྲེལ་བཤད། _KadoT
སྐུ་གཟུགས་བཟང་པོ། ད་རེས་ ང་བཅས་ཚུ་ འབྲི་རྩོམ་གྱི་སྐོརལས་ལྷབ་ནི་ཨིན། མ་གཞི་འབྲི་རྩོམ་གི་སྐོར་ལས་ཁྱོད་ཚུ་གིས་ ཧེ་མམ་གི་སློབ་རིམ་ནང་ལུ་ལྷབ་ཚརཝ་ཨིན་རུང་་ད་རེས་ཀྱི་སློབ་རིུམ་འདི་ནང་བསྐྱར་ཞིབ་བཟུམ་ཅིག་འབད་ལྷབ་ནི་ཨིན།
ད་དང་པ་ར་ འབྲི་རྩོམ་གི་གོ་དོན་ གཉིས་པ་དབྱེ་བ དང་་མཇུག་ར་རང་སྟོབ་ཀྱི་འབྲི་རྩོམ་ཅིག་འབྲི་སྟེ་སློབ་སྟོན་མཇུག་བསྡུ་ནི་ཨིན།
འབྲི་རྩོམ་ཟེར་མི་འདི་ རང་གི་སེམས་ཁར་མནོ་མི་དོན་ཚན་ག་ཅི་ར་ཨིན་རུང་འདི་ ཡིག་ཐོག་ལུ་བཀོད་དེ་བྲི་མི་ལུ་སླབ་ཨིན།
འབྲི་རྩོམ་ལུ་དབྱེ་བ་དགུ་དེམ་ཅིག་ཡོད་རུང་་ཚུར་ བསྡུ་བ་ཅིན་འབྲེལ་བཤད་དང་ལོ་རྒྱུས་འབྲི་རྩོམ་གཉིས་ནང་བསྡུཝ་ཨིན།
Class: 5
Subject: Dzongkha