སྐད་ཡིག་དང་ཡི་གུ་སྦྱོར་བའི་ཁུངས་དང་དགོས་པ། _ ཚེ་རིང་མཐར་ཆེན།

སྐད་ཡིག་དང་ཡི་གུ་སྦྱོར་བའི་ཁུངས་དོན།

སྐད་ཡིག་ཟེར་མི་འདི་ མི་དང་མི་གི་བར་ན་ སེམས་ཁར་མནོ་མི་ཚུ་ ཁ་ལས་ཚིག་འབད་སླབ་སྟེ་ བརྡ་དོན་སྤྲོད་མི་དང་ ཁ་ལས་སླབ་མི་ཚིག་ཚུ་ ཡིག་ཐོག་ལུ་བྲིས་ཏེ་

བརྡ་དོན་སྥྲོད་མི་གཉིས་ཆ་ར་ལུ་ སླབ་ཨིན།   ཁ་ལས་སླབ་མི་ཚིག་ཚུ་ཡིག་ཐོག་ལུ་བྲི་ཤེས་ནིའི་དོན་ལུ་ མིང་དང་ཚིག་མ་འདྲཝ་ལེ་ཤ་ཅིག་ར་ལྷབ་དགོཔ་ཡོད།

དེ་མ་ཚད་ མིང་ཚིག་ཚུ་གིས་བར་ན་ ཚིག་ཕྲད་དང་རྣམ་དབྱེ་ དེ་ལས་ཡི་གུ་གི་སྡེབ་སྦྱོར་ཚུ་ག་ར་ཤེས་ནིའི་དོན་ལུ་  སྐད་ཡིག་དང་ཡི་གུ་སྦྱོར་བའི་ སློབ་ཚན་མང་རབས་ཅིག་ལྷབ་དགོཔ་ཡོད་ཟེར་ཞུ་ནི་ཨིན།

 ལྕོགས་གྲུབ་དང་གཞི་བཞག།

སྐད་ཡིག་དང་ཡི་གུའི་སྦྱོར་བ་ཚུ་ ནོར་བ་དང་འཛོལ་བ་ཚུ་ག་ནི་ཡང་མེད་པར་ ལག་ལེན་ཚུལ་མཐུན་འབད་འཐབ་ཚུགས།

 ལས་དོན།

༡   སྐད་ཡིག་དང་ཡི་གུའི་སྦྱོར་བ་ ཟེར་བའི་གོ་དོན་ཚུ་ལེགས་ཤོམ་འབད་ཤེས་ཚུགས་དགོ།

༢   ཡི་གུའི་སྦྱོར་བ་ཚུ་ འཛོལ་བ་ག་ནི་ཡང་མེད་པར་ ལག་ལེན་འཐབ་ཚུགས་དགོ།

 སློབ་སྟོན་དུས་ཚོད།

ཆུ་ཚོད་ ༥།

 སློབ་སྟོན་པ་   ཚེ་རིང་མཐར་ཆེན།


Class: 8
Subject: Dzongkha