བརྡ་གཞུང་། -Jigme Tenzin-PMSS

སློབ་ཚན་གྱི་སྤྱིར་བཏང་དམིགས་ཡུལ།
མི་ཚེ་ནང་ བརྡ་དོན་སྤྲོད་ལེན་འབད་ནི་འདི་ ཁག་ཆེ། དེ་འབདཝ་ལས་ སློབ་ཕྲུག་ཚུ་གིས་ བརྡ་དོན་གྱི་དོན་ལུ་ སྐད་ཡིག་དང་ ཡི་གུའི་སྦྱོར་བའི་རྣམ་གཞག་ཚུ་ ཤེས་དགོཔ་དེས་བདེན་ཨིན། སློབ་ཚན་འདི་ནང་ སློབ་ཕྲུག་ཚུག་གིས་ ཚིག་གི་དབྱེ་བ། མིང་གི་ཁྱད་ཚིག་དང་ བྱ་བའི་ཁྱད་ཚིག། དུས་གསུམ་གྱི་ཚིག་གྲོགས། མིང་ཚབ་དང་ བྱ་ཚིག་ལས་འགྲུབ་པའི་མིང་ཚུ་ ལྷབ་ཞིནམ་ལས་ གཤམ་གསལ་གྱི་ ལྕོགས་གྲུབ་དང་ ལས་དོན་ཚུ་བསྒྲུབ་ཚུགས།
 
ལྕོགས་གྲུབ།
སློབ་ཕྲུག་ཚུ་གིས་ སྐད་ཡིག་དང་ ཡིག་སྦྱོར་གཉིས་ ཁག་ཆེ་བའི་སྐོར་ལས་ཧ་གོ་སྟེ་ ཚུལ་མཐུན་འབད་ལག་ལེན་འཐབ་ཚུགས།
 
སློབ་སྟོན་ལས་དོན།
·         ཚིག་གི་དབྱེ་བ་ཕྱེ་སྟེ་དཔེར་བརྗོད་རྐྱབ་ཚུགས་དགོ།                                                                 
·         མིང་གི་ཁྱད་ཚིག་དང་ བྱ་བའི་ཁྱད་ཚིག་གཉིས་ དབྱེ་བ་ཕྱེ་སྟེ་ དཔེར་བརྗོད་རྐྱབ་ཚུགས་དགོ།                                
·         དུས་གསུམ་གྱི་ཚིག་གྲོགས་ ངོས་འཛིན་འབད་དེ་དཔེར་བརྗོད་རྐྱབ་ཚུགས་དགོ།                                          
·         མིང་ཚབ་དང་ བྱ་ཚིག་ལས་འགྲུབ་པའི་མིང་གི་ དཔེར་བརྗོད་རྐྱབ་ཚུགས་དགོ།                                                            
སློབ་སྟོན་དུས་ཡུན།
ཆུ་ཚོད་ ༨།
 
སློབ་སྟོན་པ།
འཇིགས་མེད་བསྟན་འཛིན།


Class: 4
Subject: Dzongkha