སྙན་རྩོམ། Sonam Cheki

རྒྱབ་ཁུངས།

སྙན་རྩོམ་མ་འདྲཝ་ལེ་ཤ་ཡོད་པའི་གྲས་ལས་ ཞབས་ཁྲ། རྩང་མོ་དང་ གསལ་བཤད། ཚུ་ཡང་སྙན་རྩོམ་གྱི་ནང་གསེས་ཅིག་ཨིན། སྙན་རྩོམ་གྱིས་ ལྷག་ནི་དང་སླབ་ནིའི་ རིག་རྩལ་ཚུ་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་ཚུགས། སྤྲོ་གླུ་དང་ཞབས་ཁྲ་ རྩང་མོ་ དང་གསལ་བཤད་ཚུ་གིས་ མིང་ཚིག་གསརཔ་ཚུ་ སྤྲོ་བའི་ཐོག་ལས་ལྷབ་ཚུགས། སྙན་རྩོམ་འདི་ལུ་བརྟེན་ ང་བཅས་ཀྱི་སྐད་ཡིག་གོང་འཕེལ་དང་ཚིག་དོན་ཚུ་ ཤེས་ཚུགསཔ་བཟོ་ནི་ལུ་ ཕན་ཐོགས་ཡོདཔ་ཨིན།

ལྕོགས་གྲུབ་གཞི་བཞག།

 དོན་ཚན་ཁག་ཆེ་ཤོས་ཅིག་གི་ཐོག་ཁར་ གསལ་བཤད།/རྩང་མོ།/ཞབས་ཁྲ། ཐུང་ཀུ་ཅིག་བྲིས།

ལས་དོན།

ཞབས་ཁྲ། རྩང་མོ། གསལ་བཤད་ཚུ་གི་ ཚིག་གི་རྗོད་སྒྲ་ གཅད་མཚམས་ ཚིག་མཚམས་ཚུ་ ཚུལ་མཐུན་འབད་ལྷག་ཡང་ངན་སླབ་ཚུགས་དགོ།

ཞབས་ཁྲ་གདངས་དང་སྦྲགས་འཐེན་ཚུགས་དགོ།

གསལ་བཤད་ལུ་ཚང་དགོ་པའི་ཁྱད་རྣམ་ངོས་འཛིན་འབད་དེ་ གསལ་བཤད་ཐུང་ཀུ་རེ་བྲི་ཚུགས་དགོ། གསལ་བཤད་ཚུ་དཀའ་ངལ་མེད་པར་གཏང་ཚུགས་དགོ།

རྩང་མོ་གི་ཁྱད་རྣམ་ངོས་འཛིན་འབད་དེ་ གདངས་དབྱངས་དང་བཅསཔ་འཐེན་ཚུགས་དགོ།

སྙན་རྩོམ་ལུ་བརྟེན་ཆོས༌དང༌ལམ༌སྲོལ༌ལུ༌རྩིས༌མཐོང་ བསྐྱེད་ཚུགསཔ་དགོ།

དུས་ཡུནཆུ་ཚོད་༡༥།


སློབ་སྟོན་པ་ བསོད་ནམས་ཆོས་སྐྱིད།




Class: 4
Subject: Dzongkha